top of page

格西拉让巴次称仁青

Tsultrim Rinchen

༄༅། །དགའ་བྱང་རྡོ་ར་དགེ་བཤེས་ལྷ་རམས་པ་ཚུལ་ཁྲིམས་རིན་ཆེན་ནི་སྤྱི་ལོ ༡༩༨༡ ཟླ ༠༤ ཚེས ༠༥ ཉིན་ཁམས་ལི་ཐང་ཨོ་ཐོག་ནང་དུ་ཕ་ཚེ་རིང་དང་མ་དོན་འགྲུབ་དབང་མོ་གཉིས་ལ་སྐྱེས། ཆུང་དུས་ནས་ཕ་ཡུལ་ཨོ་ཐོག་དགོན་ཁམས་ནཱ་ལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་དུ་ནང་ཆོས་དང་བོད་ཀྱི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས།

སྤྱི་ལོ་༡༩༩༨ལོར་རྒྱ་གར་དུ་འབྱོར་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་ནས་ནང་ཆོས་སམ་མཚན་ཉིད་སློབ་སྦྱོང་བྱེད་ནས་གྲྭ་ཚང་གི་རྒྱུགས་སྤྲོད་རྣམས་ལེགས་པར་ཐོན།  ༢༠༡༠ ལོ་ནས་བཟུང་ལོ་དྲུག་གི་རང་ལ་བཀའ་རམས་དང་སློབ་དཔོན་ལྷ་རམས་བཅས་རྒྱུགས་སྤྲོད་ལེགས་པར་ཐོན་ནས།༢༠༡༦ལོར་རྒྱུད་སྨད་གྲྭ་ཚང་དུ་གསང་སྔགས་རྒྱུད་སྡེ་བཞི་དང་ཆོ་ག་ཕྱག་ལེན་དང་སྒོམ་དང་ཐིག་སོགས་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་། ༢༠༡༧ དང ༢༠༡༨ ལོ་གཉིས་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རྩོད་རྒྱུགས་དང་བྲིས་རྒྱུགས་བརྒྱ་ཆ་སྤྲོད་མཁན་གྱི་ལས་ཀ་བྱས། ༢༠༡༨ལོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྒྱུགས་སྤྲོད་དོ་དམ་པའི་ལས་ཀ་བྱས། ཁང་ཚན་ནང་དུ་འཛིན་གྲྭ་གཤམ་མ་རྣམས་སུ་བོད་ཡིག་སོགས་བརྡ་སྤྲོད་ཀྱི་རིག་གནས་སློབ་ཁྲིད་བྱས། ༢༠༡༩ ལོར་དགའ་བྱང་རྡོ་ར་ཁན་ཚན་གྱི་ཆེད་དུ་ཁེ་ན་ཌར་ཕེབས་ནས་ད་ལྟ་ཁེ་ན་ཌ་དགའ་བྱང་རྡོ་ར་སྤྱན་རས་གཟིགས་ཆོས་ཚོགས་ནང་དུ་ལས་དཀའ་བྱེད་བཞིན་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།

bottom of page